
藏文【河北省文联西藏油画展】
发布时间:2018/09/22
写在前面的话
西藏草原广袤,湖泊湛碧,雪山嵯峨。
西藏百姓朴拙,宗教深邃,文化独特。
西藏的大美至纯令无数艺术家向往,挚爱。今天,在这里举办画展的韩玉臣便是其中的一位,而且是极具特点的一位。
韩玉臣非职业画家,是一个荣任三届全国人大代表,领导着2万6千名员工的企业家。幼蒙庭训,名师指教,使其与艺术结下不解之缘。八十年代的特定社会原因,韩玉臣两次与美术学院擦肩。半百之年,他在企业打拼之余,重操画笔,七年完成了近百幅高品质作品。
韩玉臣阅历颇丰,足迹遍布50多个国家,然而对西藏却是情有独钟。近些年,他8次进藏,川甘滇等藏区也屡屡探访。这期间,他几遇险情却镇定自若,身体不适仍矢志不移。帐篷里、牧民家、草场上、雪峰下,他寻美探源,挥毫泼彩。
韩玉臣集油画、书法、摄影、诗词多艺为一身,油画作品入选十二届国展,中国油画百年回望展,荣获第152届法国国家艺术沙龙展金奖;书法出版专集,作品为诸多名人政要和艺术机构收藏;摄影《雪域梦幻》风光集荣获2012年中国摄影大奖;描绘西藏风情的诗词作品更是清新隽永。
韩玉臣还是宣传西藏的文化使者,2013年以来,他在法国、比利时、荷兰、俄罗斯等国家举办西藏题材油画和摄影作品展,向法国前总统萨克齐、比利时第一副首相克恩彼特等许多国家政要,介绍西藏的山川风光人文历史。
“西藏是我创作的源泉,用作品向西藏人民汇报义不容辞。”韩玉臣不仅这么说,同时也努力践行。现在展出的55幅作品,既有壮观恢弘的《牧羊女》、《抬大佛》,又有细节入微的《晨光》、《兄妹俩》; 既有表现日常生活的《圣湖桑珠》,又有反映宗教场景的《箴言千颂》。透过这些作品,观众可以体味到韩玉臣对西藏的一往情深,对艺术真谛的把握和追求。
西藏——中华民族重要的特色文化保护地,欢迎韩玉臣这样的艺术家;冀藏文化交流,源远流长,为发展繁荣中华民族大家庭的共同文化,让我们共同努力!
河北一一东方人类、中华文明、新中国从这里走来,有着悠久的历史和灿烂的文化。
西藏自治区文联、河北省文联
སྔོན་འགྲོའི་གཏམ།
བོད་ཀྱི་རྩྭ་ཐང་མུ་མེད་མཐའ་ཡས་ཤིང་། མཚོ་མཚེའུ་གཡུ་ཡི་མེ་ལོང་ལྟར་དྭངས་ཤིང་གཙང་བ་དང་གངས་རི་ར་བས་བསྐོར་ཏེ་ངོ་མཚར་བརྗིད་དུ་ཆགས།
བོད་ཀྱི་མི་རྣམས་བབ་ཆགས་ལ་རང་གཤིས་དྲང་ཞིང་།
ཆོས་ལུགས་ཀྱི་འདུ་ཤེས་ཟབ་པ་དང་རིག་གནས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན།
བོད་ཀྱི་མཛེས་སྡུག་དྭངས་གཙང་གི་རྣམ་པ་ལས་བགྲང་འདས་སྒྱུ་རྩལ་པའི་ཡིད་ཀྱི་བརྟན་པ་འཕྲོག་ལ་དུང་ཞེན་དེ་བས་ཆེ་བར་གྱུར།
འདིར་རི་མོ་འགྲེམས་སྟོན་པ་ཧན་གཡུད་ཁྲེང་ནི་དེའི་གྲས་ཤིག་ཡིན་ཞིང་དེ་བས་ཐུན་མིན་རང་གཤིས་ལྡན་པའི་སྐྱེས་བུ་ཞིག་ཡིན་པ་གོར་མ་ཆག
ཧན་གཡུད་ཁྲེང་ནི་ཆེད་ལས་རི་མོ་མཁས་ཅན་ཞིག་མིན་ན་ཡང་།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་རིམ་གསུམ་གྱི་འཐུས་མིའི་འགན་བཞེས་མྱོང་བ་དང་། ལས་མི་ཁྲི་གཉིས་དང་སྟོང་དྲུག་གི་ལས་སྣེ་ཁྲིད་མཁན་ཁེ་ལས་མཁས་ཅན་ཞིག་རེད།
ཆུང་དུས་ནས་རིག་པའི་གནས་ལ་སྦྱངས་པ་ཆེ་ཞིང་བཤེས་གཉེན་དམ་པའི་སློབ་སྟོན་འོག་སྒྱུ་རྩལ་དང་འགྲོགས་པའི་ལས་སྨོན་བཟང་པོ་བྱུང་།
ལོ་རབས་བརྒྱད་ཅུའི་སྐབས་སུ་དམིགས་བསལ་སྤྱི་ཚོགས་ཀྱི་འགལ་རྐྱེན་ལས་མཛེས་རྩལ་སློབ་གླིང་དུ་ཞུགས་པའི་གོ་སྐབས་ཐེངས་གཉིས་ཤོར། དགུང་གྲངས་ལྔ་བཅུར་སོན་མཚམས་ཁེ་ལས་ཀྱི་འདུ་འགོད་འགྲན་རྩོད་ལ་གཞོལ་ཞོར་དུ་པིར་འཛིན་རིས་བྲིས་ཀྱི་ལས་ལ་བསྐྱར་དུ་ཞུགས་ནས་མི་ལོ་བདུན་རིང་སྤུས་ལེགས་བརྩམས་ཆོས་བརྒྱ་ལ་ཉེ་བ་ལེགས་པར་སྐྲུན།
ཁོང་ནི་མྱོང་གྲུབ་ཕུན་སུམ་ཚོགས་ཤིང་རྒྱལ་ཁབ་ཁག་༥༠ལྷག་ཙམ་ལ་ཞབས་ཀྱིས་བཅག་མྱོང་བ་དང་།
ལྷག་དོན་དུ་བོད་ལ་དེ་བས་བརྩེ་ཞེན་ཆེ། ཉེ་བའི་ལོ་ཤས་རིང་ཁོང་གིས་བོད་དུ་ཐེངས་བརྒྱད་སྐྱོད་ཅིང་།
སི་ཁྲོན་དང་། ཀན་སུའུ། ཡུན་ནན་སོགས་ཀྱི་བོད་ཁུལ་དུའང་ཡང་ཡང་བཅར་མྱོང་། དེའི་རིང་ཁོང་ལ་ཉེན་ཁ་ཇི་སྙེད་འཕྲད་ཀྱང་ཞུམ་མེད་བབ་བརླིང་ལྡན་ལ་ལུས་པོ་མ་འཕྲོད་བྱུང་ཡང་བློ་རྩ་བརྟན་པོས་ཁྱད་དུ་བསད། སྦྲ་གུར་དང་། འབྲོག་ཁྱིམ། རྩྭ་ཐང་། གངས་རིའི་འདབས་རོལ་བཅས་སུ་བསྐྱོད་ནས་མཛེས་སྡུག་གི་འབྱུང་རྩ་འཚོལ་སྙེག་བྱས་ཡོད་ལ་ངོ་མཚར་གྱི་རི་མོའི་ལམ་ནས་ཀུན་གྱི་སྤྱན་སྔར་བསྟར།
ཁོང་ནི་སྣུམ་ཚོན་རི་མོ་དང་། ཡིག་གཟུགས། པར་ལེན། སྙན་རྩོམ་སོགས་འབྲི་རྩོམ་མང་པོར་བྱང་ཆུབ་པ་ཞིག་ཡིན་ཞིང་།
སྣུམ་ཚོན་རི་མོའི་བརྩམས་ཆོས་དེ་སྐབས་བཅུ་གཉིས་པའི་རྒྱལ་ཁབ་རིམ་པའི་འགྲེམས་སྟོན་ནང་ཚུད་པ་དང་།
ཀྲུང་གོའི་སྣུམ་ཚོན་རི་མོའི་ལོ་བརྒྱའི་ཕྱིར་དྲན་འགྲེམས་སྟོན་ལ་ཞུགས་ཤིང་། ཧྥ་རན་སིའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་སྤྲོ་གླེང་འགྲེམས་སྟོན་སྐབས་༡༥༢པའི་ནང་གསེར་གྱི་རྟགས་མ་ཐོབ། ཡིག་གཟུགས་པར་སྐྲུན་ཆེད་སྒྲིག་བཏོན་ཞིང་བརྩམས་ཆོས་དེ་གྲགས་ཅན་མི་སྣ་དང་སྲིད་འབྲེལ་གནད་ཆེའི་མི་སྣ།
སྒྱུ་རྩལ་ཚན་པ་སོགས་ཀྱིས་མཁོ་སྒྲུབ་ཉར་ཚགས་བྱས། པར་ལེན་གྲས་སུ་གངས་ལྗོངས་ཀྱི་ངོ་མཚར་འཕྲུལ་སྣང་ཞེས་པའི་ཡུལ་ལྗོངས་འཁོད་པའི་ཆེད་སྒྲིག་ལ་༢༠༡༢ལོར་ཀྲུང་གོའི་པར་ལེན་གྱི་བྱ་དགའ་ཆེ་མོ་ཐོབ།
བོད་ཀྱི་གོམས་སྲོལ་བརྗོད་དོན་དུ་བྱས་པའི་སྙན་རྩོམ་ནི་དེ་བས་བློ་ངོ་གསར་ཞིང་ཁ་གཏིང་གསལ་བ་ཞིག་མཆིས།
ཧན་གཡུད་ཁྲེང་ནི་ད་དུང་བོད་ཀྱི་རིག་གནས་ཀྱི་དྲིལ་བསྒྲགས་ཕོ་ཉ་ཞིག་ཡིན་ཏེ། ༢༠༡༣ལོ་ཚུན་དུ་ཁོང་གིས་ཧྥ་རན་སི་དང་། པེར་ཀྲེམ།
ཧོ་ལན་ཀྲེ། ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོར་བོད་ཀྱི་བརྗོད་བྱའི་སྣུམ་ཚོན་རི་མོ་དང་པར་ལེན་བརྩམས་ཆོས་ཀྱི་འགྲེམས་སྟོན་བྱས་ཏེ་ཧྥ་རན་སིའི་ཙུང་ཐུང་ཟུར་པ་སེ་ཁེ་ཆི་དང་པེར་ཀྲེམ་གྱི་སྲིད་བློན་གཞོན་པ་དང་པོ་ཁེ་ཨེན་ཕེ་ཐེར་སོགས་རྒྱལ་ཁབ་མང་པོའི་སྲིད་འབྲེལ་གནད་ཆེའི་མི་སྣར་བོད་ཀྱི་རི་ཀླུངས་ཡུལ་ལྗོངས་དང་རིག་གནས་ལོ་རྒྱུས་སོགས་ངོ་སྤྲོད་བྱས།
“བོད་ལྗོངས་ནི་ང་ཡི་གསར་གཏོད་ཀྱི་འབྱུང་རྩ་ཡིན་ཞིང་། བརྩམས་ཆོས་དེ་དག་ཐོག་ནས་བོད་མི་དམངས་ལ་སྙན་འབུལ་ཞུ་བ་ནི་དོར་དུ་མེད་པའི་འགན་འཁྲི་ཡིན”ཞེས་ཧན་གཡུད་ཁྲེང་གིས་དེ་ལྟར་བརྗོད་པ་ཙམ་མ་ཚད་དེ་བཞིན་ལག་ལེན་ཧུར་ཐག་བསྟར་བཞིན་མཆིས།
ད་ཆ་འགྲེམས་སྟོན་བྱས་པའི་བརྩམས་ཆོས་༥༤ནི་ཉམས་ལྡན་ཟིལ་ཆེའིི《ལུག་རྫི་བུ་མོ》དང་《གོས་སྐུ་གདན་འདྲེན་ཞུ་བ》སོགས་ཡོད་ལ། ཞིབ་ཚགས་ཕྲ་རགས་ཀྱི《ཉི་གཞོན》དང་《གཅེན་གཅུང་》ཡོད་པ་དང་། རྣམ་ཀུན་གྱི་འཚོ་བ་མཚོན་པའི《བླ་མཚོའི་བསམ་གྲུབ》ཡོད་ལ་ཆོས་ལུགས་ཀྱི་གནས་ཚུལ་མཚོན་པའི《གསོལ་འདེབས》ཀྱང་ཡོད། བརྩམས་ཆོས་དེ་དག་ལས་གཟིགས་པ་པོས་ཧན་གཡུད་ཁྲེང་གིས་བོད་ལ་བརྩེ་དུང་ཇི་འདྲ་འཆང་བ་དང་སྒྱུ་རྩལ་གྱི་བདེན་འཛིན་དང་དོན་གཉེར་ཇི་ལྟར་བྱས་པ་མངོན་སུམ་དུ་ཚོར་ཐུབ།
བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་གལ་ཆེའི་དམིགས་བསལ་གྱི་རིག་གནས་སྲུང་སྐྱོབ་ཁུལ་ཡིན་པས་ཧན་གཡུད་ཁྲེང་ལྟ་བུའི་སྒྱུ་རྩལ་པར་དགའ་བསུ་ཞུ་རྒྱུ་དང་སྦྲགས། ཧོ་པེ་དང་བོད་ལྗོངས་བར་རིག་གནས་སྤེལ་རེས་དང་ཕུགས་འབྲེལ་རྒྱུན་རིང་བཙུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ཐུན་མོང་གི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུར་ང་ཚོ་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་ཡིན།
ཧོ་པེ་ནི་ཤར་ཕྱོགས་ཀྱི་མིའི་རིགས་དང་།
ཀྲུང་ཧྭའི་ཤེས་རིག ཀྲུང་གོ་གསར་པ་བཅས་ཀྱི་འབྱུང་ཁུངས་ཡིན་པས་ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་ལྡན་ཡོད།
བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས།
ཧོ་པེ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས།
༢༠༡༦ལོའི་ཟླ་༤ཚེས་༡༡ཉིན།
翻译服务电话
0310-3111789
0310-2601414